། གལ་ཆེའི་གསལ་བསྒྲགས །

\༅༅། སིད་ནི་བོད་རིགས་མཐུན་ཚོགས་ཁྱབ་ཁོངས་གནས་ཞུགས་ལྷན་རྒྱས་ལ།
ཆེད་ཞུ། སིད་ནི་བོད་རིགས་མཐུན་ཚོགས་
སྐབས་བཅུ་གསུམ་པའི་རྒྱུན་ལས་ཐུན་མོང་ནས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་
ཅིག་ས་གནས་འོས་བསྡུ་ཚོགས་ཆུང་ནས་རིང་མིན་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་སོགས་གལ་ཆེའི་གནས་ཚུལ་ཁག་ཅིག་མང་ཚོགས་དང་གོ་བསྡུར་དགོས་རྒྱུ་གལ་ཆེར་སོང་། ཕྱི་ལོ་ ༢༠༡༥ ཟླ ༡༠ ཚེས་ ༡༠ རེས་གཟའ་སྤེན་པ་ཉིན་ཕྱི་དྲོ་ཆུ་ཚོད་ ༦ པོའི་ཐོག་ Dee Why Public School མི་མང་ཚོགས་
འདུ་ཚོགས་རྒྱུ་ཡིན་པ་དང་། 
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་
འོས་བསྡུའི་དུས་ཚེས་འཁེལ་གྱི་ཡོད་སྟབས་དེ་ཉིན་མཉམ་ཞུགས་ཐུབ་ཆེད་དགོངས་ཞུ་བྱ་ཕྱོགས་གྲ་སྒྲིག་ཡོང་བ་དང་། 
ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་
ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་དུས་དྲན་
དགའ་སྟོན་ (Forestville  Memory Hall) དུ་ཞོགས་དྲོ་ཕྱག་ཚོད་ ༡༠།༠༠ ཐོག་མཛད་སྒོ་དངོས་སུ་དབུ་
འཛུགས་ཞུ་རྒྱུ་ཡིན་པས་མི་མང་རྣམ་པ་ལྷན་རྒྱས་ནས་དུས་ཐོག་བཅར་ཐབས་ཡོང་བ་དགོངས་འཇགས་ཞུ། སིད་ནི་
བོད་རིགས་མཐུན་ཚོགས་ཡིག་ཚང་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣ ལ།།

Forest Ville Memory Hall address:

Forestville Memorial Hall, Starkey St, Forestville NSW 2087

/www.warringah.nsw.gov.au/play/community-centres/forestville-memorial-hall

གསལ་བསྒྲགས།

༅༅། སིད་ནི་བོད་རིགས་མཐུན་ཚོགས་ཁྱབ་ཁོངས་གནས་ཞུགས་ལྷན་རྒྱས་ལ།
ཆེད་ཞུ། འདི་ག་སིད་ནི་བོད་རིགས་མཐུན་
ཚོགས་ཁྱབ་ཁོངས་སུ་ཡོད་པའི་རིག་གནས་སྐྱེད་ཚལ་གླིང་སློབ་གྲྭའི་ཆེད་རེས་གཟའ་སྤེན་པ་ནམ་ཡིན་ལ་སློབ་ཕྲུག་རྣམས་སྐྱེལ་འདྲེན་ཆེད་སྤྱི་སྤྱོད་རླངས་འཁོར་གཏོང་མཁན་ཁ་ལོ་བ་(Bus Driver)གཉིས་དགོས་གལ་འདུག་པ་ལྟར། 
སིད་ནི་བོད་རིགས་མཐུན་ཚོགས་ཁྱབ་ཁོངས་ནས་གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་སློབ་གྲྭའི་ཆེད་ལོ་གཉིས་རིང་
དྭང་བླངས་ཐོག་གནང་འདོད་ཡོད་རིགས་ནས་འདི་གར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུར།

དགོས་མཁོའི་ཆ་རྐྱེནཿ 
➢ དབྱིན་ཡིག་གོ་བརྡ་འཕྲོད་ངེས་ཡོད་པ། 
➢ Full license ཡོད་པ། 
➢ བོད་རིགས་མཐུན་ཚོགས་ཀྱི་སློབ་གྲྭའི་ཆེད་ལོ་གཉིས་རིང་རེས་གཟའ་སྤེན་པ་ནམ་ཡིན་ལ་ཁ་ལོ་བའི་དྭང་བླངས་ཞབས་ཞུའི་ཆོད་སེམས་ཡོད་པ། གོང་གསལ་ཆ་རྐྱེན་ཚང་རིགས་ལ་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བའི་ཡིག་རྒྱུགས་གཏོང་རྒྱུའི་འགྲོ་གྲོན་ཐད་བོད་རིགས་མཐུན་ཚོགས་ནས་མཐུན་རྐྱེན་སྦྱར་རྒྱུ་ཡིན་པ་ལགས་ན་དྭང་བླངས་ཐོག་ཞབས་ཞུ་གནང་འདོད་ཡོད་རིགས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། སིད་ནི་བོད་རིགས་མཐུན་ཚོགས་ཡིག་ཚང་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣ ལ།།

འབྲེལ་བ་གནང་ཡུལཿ ཚོགས་གཙོ་ཚེ་རིང་རྡོ་རྗེ།
ཁ་དཔར་ཨང་ ༠༤༣༤༡༡༢༥༦༢