གསལ་སྒྲགས།

གསལ་བསྒྲགས།

༅༅། སིད་ནི་བོད་རིགས་མཐུན་ཚོགས་ཁྱབ་ཁོངས་གནས་འཁོད་ལྷན་རྒྱས་ལ། ཆེད་ཞུ། གཤམ་དུ་གསལ་བསྒྲགས་ཁག་གསུམ་ཡོད་པར་ཚང་མས་ངེས་པར་ཐུགས་སྣང་ ཡོང་བ་ཞུ་རྒྱུར། ༡།ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་སྐབས་གཞས་སྣ་འཁྲབ་སྟོན་ཆེད་ གཞས་སྣ་སྦྱོང་བརྡར་ཡོང་བ་དང་། གཞས་སྣ་ཇི་ཡོད་བོད་རིགས་མཐུན་ཚོགས་ ཀྱི་རིག་གཞུང་འགན་འཛིན་བློ་བཟང་དོན་ལྡན་ལགས་སུ་ཕྱི་ཟླ་ ༡༢ ཚེས་ ༢ གོང་ངེས་པར་ཐོ་གཞུང་ཕུལ་ཐབས་ཡོང་བ་ཞུ། ༢། ཞི་བདེའི་གཟེངས་རྟགས་མཛད་སྒོ་འདི་བཞིན་འདི་གར་ཟླ་ ༡༢ ཚེས་ ༡༢ ཉིན་ཞུ་གཏན་འཁེལ་བ་ལྟར་དེ་ཉིན་བཞེས་ལག་གཏོང་རྒྱུའི་ཆེད་མ་བྱན་ དང་མ་བྱན་ཕྱག་རོགས་དགོས་གལ་འདུག་པར་བརྟེན་དང་བླངས་ཞབས་ཞུར་བློ་ དཀར་ཕྱོགས་པའི་མི་སྣ་གང་མང་ཕེབས་ཐབས་ཡོང་བ་དང་། མ་བྱན་རྣམས་ངེས་ པར་ཟླ་ ༡༡ ཚེས་ ༤ ཉིན་བོད་རིགས་མཐུན་ཚོགས་ཡིག་ཚང་དུ་ངེས་ཕེབས་ ཡོང་བ། དང་བླངས་ཞབས་ཞུ་བ་ཇི་ཡོད་ཚོགས་གཞོན་འཇིགས་མེད་ནོར་བུ་ ལགས་སུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། ༣།བོད་རིགས་མཐུན་ཚོགས་ངོས་ནས་གཞོན་སྐྱེས་རྣམས་ལ་གཙོ་བོར་ དམིགས་ཏེ་ནང་ཆོས་ངོ་སྤྲོད་ཞུ་རྒྱུའི་ལས་རིམ་འདི་བཞིན་བོད་རིགས་མཐུན་ ཚོགས་ཡིག་ཚང་དུ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༧ རེས་སྤེན་པའི་ཉིན་རྒྱབ་ཚོུད་ ༦ པ་ནས་ཆར་ཅན་འགོ་འཛུགས་ཞུ་རྒྱུ་ཡིན་པ་ལྟར་དོན་གཉེར་ཅན་ཇི་ཡོད་དུས་ ཐོག་ཕེབས་འཛོམས་ཡོང་བའི་གསལ་བསྒྲགས་སུ། སིད་ནི་བོད་རིགས་མཐུན་ ཚོགས་ཡིག་ཚང་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༡ ལ།། འབྲེལ་བ་ཞུ་ཡུལཿ གཞས་སྣ་འཁྲབ་སྟོན་དང་། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་འབྲེལ་བ་ཞུ་ཡུལ། རིག་གཞུང་འགན་འཛིན་བློ་བཟང་དོན་ལྡན་ལགས། 0478003079 མ་བྱན་དང་མ་བྱན་ཕྱོགས་རོགས་དང་བླངས་འབྲེལ་བ་ཞུ་ཡུལ་ཚོགས་གཞོན་འཇིགས་མེད་ནོར་བུ་ལགས། 042621805 ཚུགས་ཡུལཿ Tibetan Community Centre, 34 Howard Ave. Dee Why 2099